Department of Labour-This is to notify and inform the general public that the SHORT-TERM WORK PERMIT (E-Work Permit) is now being initiated by the Ministry of Labour and Human Resources. The employers wishing to import foreign workers even for the duration less than 30 days should now compulsorily apply online through MoLHR-MIS with immediate effect. Besides the normal required documents, the individual/FWRA/employers should submit the medical clearance certificate of the foreigners obtained from the country of origin.This notification is referred to the approval of the night halt work permits only and for other categories and updates, MoLHR will keep notifying in future.

རྒྱལ་ཡོངས་མི་སྟོབས་གོང་འཕེལ་ལས་ཁུངས།

སྤྱི་ལོ་༢༠༡༩ལུ་འགོ་འདྲེན་འཐབ་ཡོད་པའི་ ལས་ཚོགས་གོང་འཕེལ་བསྟར་སྤྱོད་དང་འཁྲིལ་ སྤྱི་ལོ་༢༠༢༡ལོར་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་ལས་ཁུངས་འདི་ གཞི་བཙུགས་འབད་ཡོདཔ་ཨིན། རྒྱལ་ཡོངས་མི་སྟོབས་གོང་འཕེལ་གྱི་ལཱ་འགན་ཚུ་བསྐྱར་བཟོ་འབད་ནི་དང་ གཞི་བཀོད་གཅིག་མཚུངས་བཟོ་དགོ་པའི་གནད་དོན་ གལ་ཅན་ཅིག་སྦེ་ཚོར་ཡོདཔ་ཨིན། ལས་ཁུངས་འདི་གིས་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་བརྩམ་ནི་དང་ ལས་རིམ་འགོ་འདྲེན་འཐབ་སྟེ་ དཔལ་འབྱོར་གྱི་ མི་སྟོབས་མ་ལང་པའི་དཀའ་ངལ་དང་དགོས་མཁོ་ཚུ་ གདོང་ལེན་མགྱོགས་དྲགས་སྦེ་ འབད་ཚུགས་པའི་གནས་སྟངས་བཟོ་ནིའི་ འགན་དབང་ཕོག་སྟེ་ཡོད། ལས་ཁུངས་འདི་གིས་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ མི་སྟོབས་གོང་འཕེལ་གྱི་སྲིད་བྱུས་དང་ལམ་སྟོན་བྱིན་ནིའི་དོན་ལུ་ གཤམ་འཁོད་ཀྱི་ལཱ་དང་འགན་ཁུར་ཚུ་འབག་དགོ།

༡༽ རྒྱ་ཡོངས་ཀྱི་གནས་ཚད་ཁར་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་དང་ ལས་རིམ་འགོ་འདྲེན་འཐབ་ནི།
༢༽ ཞི་གཡོག་མེན་པའི་ལས་སྡེ་ཚུ་ནང་ ལས་གཡོགཔ་གོང་འཕེལ་གཏང་ནི།
༣༽ ལཱ་གཡོག་ཚོང་ལམ་བརྡ་དོན་སྤྲོད་ནི་དང་ འདི་གི་སྐོར་ལས་ཞིབ་འཚོལ་འབད་ནི།

འཆར་སྣང་།:
ཤེས་ཡོན་ལྡན་པའི་མི་སྡེ་ནང་ ལཱ་གཡོག་དང་ཚོང་འབྲེལ་གྱི་གོ་སྐབས་སྤྲོད་ནི་དང་ དེ་ལས་ ཐོན་ཤུགས་ཆེ་བའི་མི་ཁུངས་ཡོད་པའི་གུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་གཏད་གྲུབ་ཚུགས་པའི་ རྣམ་གཞག་དང་བརྩི་མཐོང་ཚུ་ གཞན་དང་མ་འདྲཝ་སྦེ་ཡོདཔ་ བཟོ་ནི་འདི་ཨིན།

དམིགས་སྐྱེད།:
ལཱ་གཡོག་གི་ཚོང་ལམ་ནང་ལུ་ ལྕོགས་གྲུབ་ཅན། ཐོན་སྐྱེད་ཅན། ངོས་ལེན་ཅན་དང་ དཀའ་ངལ་ལུ་གདོང་ལན་འབད་ཚུགས་པའི་ མི་སྟོབས་ཀྱི་གཞི་རྩ་བཟོ་ནི།

དམིགས་ཡུལ།

  • འབྲུག་རྒྱལ་ཁབ་ཀྱི་ མི་སྡེ་ཤེས་ཡོན་ལྡནམ་སྦེ་བཟོ་ནི་དང་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་ཚུ་ གཅིག་མཐུན་དང་གཅིག་བསྡོམ་གྱི་ཐོག་ལས་བཟོ་ནི།
  • བློ་རིག་ཅན། དུས་ཐོག་གི་བརྡ་དོན། བློ་གཏད་ཅན་བཟོ་ནི་དང་ ལས་གཡོགཔ་ཚོང་ལམ་ལུ་དགོས་མཁོ་ཆེ་བའི་
  • ལས་གཡོག་ཚོང་ལམ་གྱི་དགོས་མཁོ་དང་བསྟུན་ གདོང་ལན་དང་འཆར་གཞི་གི་དོན་ལུ་ བློ་རིག་ཅན། དུས་ཐོག་ལུ་ བློ་གཏད་ཚུགས་པའི་ ལས་གཡོག་ཚོང་ལམ་གྱི་གནས་ཚུལ་དང་ཞིབ་འཚོལ་འབད་ནི།
  • སློབ་སྦྱོང་དང་ ཐོན་སྐྱེད་ཡར་དྲག་གཏང་ཐབས་ལུ་ རིག་རྩལ་སྦྱོང་བརྡར། ལས་གཡོགཔ་ཚུ་གོང་འཕེལ་གཏང་ནི།

DNHRD STRUCTURE

རྒྱལ་ཡོངས་མི་སྟོབས་གོང་འཕེལ་ལས་ཁུངས།

  • ལས་ཁུངས་དེ་གིས་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་འགོ་འདྲེན་ཚོགས་ཆུང་གི་ བདག་སྐྱོང་ཡིག་ཚང་གི་ལཱ་འགན་འབགཝ་ཨིན། རྒྱལ་ཡོངས་མི་སྟོབས་གོང་འཕེལ་ཚོགས་ཆུང་གི་ལཱ་འགན་དེ་ རྒྱལ་ཡོངས་མི་སྟོབས་གོང་འཕེལ་ལས་ཁུངས་ཀྱིས་བརྩམས་ཡོད་མི་ སྲིད་བྱུས་ཚུ་ལག་ལེན་འཐབ་ནི་དེ་ཨིན། ཚོགས་ཆུང་དེ་གིས་ མི་སྟོབས་གོང་འཕེལ་གྱི་ལས་ཁུངས་ཚུ་ མཐུན་འབྲེལ་ཐོག་ རྒྱལ་ཁབ་ནང་ལུ་ མི་སྟོབས་གོང་འཕེལ་གྱི་ལས་རིམ། གདོང་ལན་དང་གོ་སྐབས་ཚུ་གི་སྐོར་གྲོས་བསྡུར་འབད་ནི་གོ་སྐབས་བྱིནམ་ཨིན།
  • རྒྱལ་ཡོངས་མི་སྟོབས་གོང་འཕེལ་གྱི་སྲིད་བྱུས་ཡིག་ཆ། འཆར་གཞི་དང་ཐབས་ཤེས་ཚུ་བརྩམ་ནི།
  • ལས་ཁུངས་དེ་གིས་འགོ་འདྲེན་ཐོག་ རྒྱལ་ཁབ་ནང་ཡོད་པའི་མི་སྟོབས་གོང་འཕེལ་གྱི་ལས་ཁུངས་ཚུ་ མཉམ་རུབ་ཀྱི་ཐོག་ལས་ མི་སྟོབས་གོང་འཕེལ་གྱི་མཐུན་འབྲེལ་ཡར་དྲག་གཏང་ནི།
  • ལས་ཁུངས་དེ་གིས་ མི་སྟོབས་ཀྱི་འཆར་གཞི་བརྩམ་ནི་དང་སྔོན་དཔག་འབད་ནི། སྤྱིར་གཏང་མི་སྟོབས་ཀྱི་གནས་སྟངས་དང་ རྒྱལ་ཁབ་ཀྱི་དགོས་མཁོ་དང་བསྟུན་ ལོ་བསྟར་མི་སྟོབས་གོང་འཕེལ་གྱི་སྙན་ཞུ་སྟོནམ་ཨིན། དེ་འབདཝ་ལས་ དཔལ་འབྱོར་གྱི་ལས་སྡེ་ཚུ་ནང་ མ་འོངས་མི་སྟོབས་གོང་འཕེལ་གྱི་གདོང་ལན། གོ་སྐབས་དང་གནས་སྟངས་ག་བཟུམ་འོང་ནི་ཨིན་ན་ ཉམས་རྟོགས་འབྱུང་ནིའི་དོན་ལུ་ བསམ་ཤེས་ཅན་གྱི་ལས་ཁུངས་ཅིག་སྦེ་ ལཱ་འབདཝ་ཨིན།
  • མི་སྟོབས་གོང་འཕེལ་དང་འབྲེལ་བའི་གོ་སྐབས། དཀལ་ངལ་དང་གདོང་ལན་ཡོད་ལུགས་ཚུ་གི་སྐོར་ལས་ རྒྱལ་གཞུང་དང་ གཞན་ཡང་འབྲེལ་ཡོད་ལས་སྡེ་ཚུ་ལུ་ གྲོས་བསྟུན་དང་ ལམ་སྟོན། རྒྱབ་སྐྱོར་ཕུལ་ནི།
  • རྒྱལ་ཁབ་ནང་འཁོད་དང་རྒྱལ་སྤྱིའི་གནས་སྟངས། ལཱ་གཡོག་ཚོང་ལམ་གྱི་དགོས་འདོད་དང་ མི་སྡེའི་རེ་བ་བསྒྱུར་བ་ཡོད་མི་དང་བསྟུན་ མི་སྟོབས་གོང་འཕེལ་གྱི་སྲིད་བྱུས་ཚུ་ བསྐྱར་ཞིབ་དང་དུས་མཐུན་བཟོ་ནི།
  • རྒྱལ་ཁབ་ནང་ མི་སྟོབས་གོང་འཕེལ་གྱི་ལས་རིམ་རྒྱབ་སྐྱོར་ལུ་གྲོགས་རམ་འབད་མི་ རྒྱལ་སྤྱིའི་མི་སྟོབས་གོང་འཕེལ་གྱི་ལས་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་བཟོ་མི་ལས་ཁུངས་གཙོ་བོ་ཅིག་ཨིན། /li>
  • ལས་ཁུངས་རང་སོའི་མི་སྟོབས་གོང་འཕེལ་གྱི་དགོས་མཁོ་དང་བསྟུན་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་བརྩམ་མི་ཚུ་ལུ་ སྤྱིར་གཏང་གྱི་ལམ་སྟོན་དང་གྲོགས་རམ་ཚུ་འབདཝ་ཨིན།
  • མི་སྟོབས་གོང་འཕེལ་གྱི་སྲིད་བྱུས་དང་ཞབས་ཏོག་ལས་བརྟེན་ གྲུབ་འབྲས་དང་ཕན་གནོད་ཚུ་ག་དེ་སྦེ་འདུག་ག་ དབྱེ་ཞིབ་འབད་ཐབས་ལུ་ ལྟ་རྟོག་དང་དབྱེ་ཞིབ་ཀྱི་རིམ་ལུགས་བཟོ་ནི།

ལཱ་གཡོག་ཚོང་ལམ་གནས་ཚུལ་དང་ཞིབ་འཚོལ་སྡེ་ཚན།

  • ལག་ལེན་དངོས་བསྟར་ཡོད་པའི་ འཆར་གཞི་བཟོ་ནི། ལས་རིམ་དང་ལས་འགུལ་གསརཔ་བཅའ་སྒྲིག་རྐྱབ་ནི་དང་ ལས་རིམ་དང་ལས་འགུལ་ལག་ལེན་དང་དབྱེ་ཞིབ་འབད་ནིའི་དོན་ལུ་ རྒྱལ་ཡོངས་གཡོག་སྤྲོད་དང་ ལཱ་གཡོག་དཀའ་ངལ་སྐོར་ཞིབ་འཚོལ་འབད་ནི།
  • སྡེ་ཚན་དེ་གིས་ གནས་ཚུལ་སྤེལ་ནིའི་རིམ་ལུགས་བཟོ་ནི་དང་ ལཱ་གཡོག་དང་གཡོག་སྤྲོད་ཀྱི་གནས་ཚུལ་བསྡུ་སྒྲིག་འབད་ནི་ནང་གྲལ་གཏོགས་ཡོད་པའི་ལྷན་ཁག ལས་ཁུངས་དང་ལས་སྡེ་ཚུ་དང་གཅིག་ཁར་ མཐུན་ལམ་གྱི་ཐོག་ལས་ལཱ་འབད་ནི། ལས་ཁུངས་དེ་ རྒྱལ་ཁབ་ཀྱིས་ངོས་འཛིན་དང་བརྩི་བཀུར་ཡོད་པའི་ ལཱ་གཡོག་གྱི་གནས་ཚུལ་རིམ་ལུགས་བཟོ་ནི་དང་ རྒྱལ་ཁབ་ཀྱི་ལཱ་གཡོག་གནས་ཚུལ་གྱི་གློག་ཤེས་བཟོ་ནི།
  • ཞི་གཡོག་མེན་པའི་ལས་སྡེ་ཚུ་གི་གནས་སྡུད་དང་གནས་ཚུལ་ཚུ་ རྒྱལ་ཁབ་ཀྱི་གནས་ཚད་ཁར་བསྡུ་སྒྲིག་དང་འཛིན་སྐྱོང་འབད་ནི།
  • ཞི་གཡོག་མེན་པའི་ལས་སྡེ་ཚུ་གི་ གཡོག་སྡེ་དང་ལཱ་གཡོག་ཐོ་བཀོད་གནས་ཚུལ་ ལས་སྡེའི་ལོ་རྒྱུས། བཀོད་སྒྲིག། གནས་ཚད་དང་ ལཱ་གཡོག་སྤྲོད་ཚུགས་དང་མ་ཚུགས་་ཚུ་ འཛིན་སྐྱོང་དང་དུས་མཐུན་བཟོ་ནི།
  • སྙན་ཞུ། ལས་རིམ་དང་སྲིད་བྱུས་སྔོན་དཔག་རྒྱབ་སྐྱོར་གྱི་དོན་ལུ་ རྟག་ཞིབ་འགོ་འདྲེན་འཐབ་ནི་དང་ ལས་གཡོག་ཚོང་ལམ་གྱི་གནས་སྡུད་ཚུ་རྒྱུན་སྐྱོང་འབད་ནི།
  • མི་སྟོབས་གོང་འཕེལ་འཆར་གཞི་དང་སྔོན་དཔག་གི་དོན་ལུ་ ད་ལྟོའི་མི་སྟོབས་བཀྲམ་སྤེལ་དང་མཁོ་འདོད་དང་བསྟུན་ ལཱ་གཡོག་ཚོང་ལམ་གྱི་གནས་ཚུལ་སྟོན་ནི།
  • རྒྱལ་ཁབ་ཀྱི་གནས་ཚད་ཁར་ ལཱ་གཡོག་ཚོང་ལམ་གྱི་གནས་ཚུལ་བསྡུ་སྒྲིག་དང་ ལོ་བསྟར་བཞིན་ ལཱ་གཡོག་གི་སྐོར་བརྟག་ཞིབ་འབད་ནི།/li>
  • བཟོ་རིག་དང་ལག་རིག་སློབ་སྦྱོང་དང་སྦྱོང་བརྡར། ཕྱིའི་ལས་མི། ལཱ་གཡོག་ཡོད་མི། ལཱ་གཡོག་མེད་མི་དང་ ལཱ་གཡོག་ཚོང་ལམ་གྱི་གནས་ཚུལ་ཚུ་ དུས་ཚོད་ཁར་འཐོབ་ནི་དང་ བློ་གཏད་ཚུགས་པའི་གནས་སྡུད་འོང་འཐབ་ལུ་ འབྲུག་གི་ལཱ་གཡོག་ཚོང་ལམ་གྱི་གནས་ཚུལ་རིམ་ལུགས་འཛིན་སྐྱོང་འབད་ནི།
  • ལས་གཡོག་ལྷན་ཁག་གི་ལས་རིམ་ཚུ་ལུ་ བརྟག་ཞིབ། ལྟ་རྟོག་དང་དབྱེ་ཞིབ་གྱི་རྒྱབ་སྐྱོར་འབད་ནི།
  • ལས་ཁུངས་དང་ལས་སྡེ་སོ་སོར་ཚུ་དང་མཉམ་འབྲེལ་ཐོག་ ལཱ་གཡོག་ཚོང་ལམ་གྱི་གནས་ཚུལ་གཅིག་བསྡོམ་བཟོ་སྟེ་རྒྱུན་སྐྱོང་འབད་ནི།

སྦྱོང་བརྡར་དང་གོང་འཕེལ་སྡེ་ཚན།

  • ཞི་གཡོག་མེན་པའི་ལས་སྡེ་ཚུ་གི་དོན་ལུ་ སྦྱོང་བརྡར་གྱི་དགོས་མཁོ་ཚུ་ བརྟག་ཞིབ་འབད་ནི།
  • གཡོག་ཡོད་མི་ཚུ་གི་དོན་ལུ་ ཡུན་ཐུང་དང་ཡུན་རིང་གི་ལས་རིམ་ཚུ་བརྩམ་ནི། འགོ་འདྲེན་འཐབ་ནི་དང་ གཞི་བཙུགས་འབད་ནི།
  • མི་སྟོབས་དང་རིག་རྩལ་གོང་འཕེལ་གྱི་ལས་འགུལ་ཚུ་ འཆར་གཞི་བརྩམ་སྟེ་ གཞི་བཙུགས་འབད་ནི།
    • མི་སྟོབས་གོང་འཕེལ་གྱི་དོན་ལུ་ སྦྱོང་བརྡར་དང་སློབ་གཉེར་གྲོགས་རམ་ཚུ་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ནང་ འཆར་གཞི་བརྩམ་སྟེ་ འགོ་འདྲེན་འཐབ་ཐོག་ལས་ གཞི་བཙུགས་འབད་ནི།
    • རྒྱལ་ཁབ་ཕྱི་ནང་གཉིས་ཆ་རའི་ནང་གི་ མི་སྟོབས་གོང་འཕེལ་གཏང་ནི་ལུ་གཙོཝ་བཏོན་མི་ གྲོགས་རམ་པ་དང་ ལས་སྡེ། ལས་ཚོགས། གཙུག་སྡེ་ཚུ་དང་གཅིག་ཁར་ མཐུན་འབྲེལ་བཟོ་ནི་དང་ སྦྱོང་བརྡར་དང་གཙུག་ལག་འཐུས་ཚོགས་ཀྱི་གྲོགས་རམ་ཚུ་ དགོས་འདོད་ལུ་གཞི་བཞག་སྟེ་བཟོ་ནི།
    • ཞི་གཡོག་མེན་པའི་ལས་སྡེ་གི་དོན་ལུ་ གྲོགས་རམ་པ་གིས་རྒྱབ་སྐྱོར་འབད་ཡོད་མིའི་ དུས་རྒྱུན་ ཡང་ན་ གློ་བུར་གྱི་ འཐུས་ཚོགས་/སློབ་གཉེར་གྲོགས་རམ་ཚུ་ གཞི་བཙུགས་འབད་ནི།
    • ཞི་གཡོག་མེན་པའི་ལས་སྡེ་གི་ མི་སྟོབས་གོང་འཕེལ་གཏང་ནིའི་ བྱ་སྒོའི་རིམ་པ་ཚུ་ ཡར་དྲག་བཟོ་ནི་དང་ ཞི་གཡོག་མེན་པའི་ལས་སྡེ་གི་ མི་སྟོབས་གོང་འཕེལ་བཅའ་ཡིག་དང་སྒྲིག་གཞི་ལུ་གནས་ཐོག་ ལས་སྡེ་འདི་ཚུ་ལུ་ སྦྱོང་བརྡར་དང་མི་སྟོབས་གོང་འཕེལ་གྱི་ལས་རིམ་ཚུ་ བྱིན་ཡོདཔ་ངེས་བརྟན་བཟོ་ནི།
    • ཞི་གཡོག་མེན་པའི་ལས་སྡེ་ལས་ རང་གིས་ཟད་འགྲོ་གཏང་ཐོག་ མི་སྟོབས་གོང་འཕེལ་ལས་རིམ་འོང་མི་ཚུ་ ཆ་འཇོག་འབད་ནི་ལུ་ ཕན་གྲོགས་འབད་ནི།
    • ཞི་གཡོག་མེན་པའི་ལས་སྡེ་གི་ མི་སྟོབས་གོང་འཕེལ་གཏང་ནིའི་དོན་ལུ་ འོས་འབབ་ཅན་གྱི་སློབ་གཉེར་གྲོགས་རམ་གྱི་ལས་རིམ་ཚུ་ འཆར་གཞི་བརྩམ་ནི།
    • ཞི་གཡོག་མེན་པའི་ལས་སྡེ་ཚུ་གི་ མི་སྟོབས་གོང་འཕེལ་གྱི་གནས་སྡུད་གཞི་མཛོད་ དུས་མཐུན་བཟོ་ཐོག་རྒྱུན་སྐྱོང་འབད་ནི་དང་ མི་སྟོབས་གོང་འཕེལ་གྱི་གནས་སྡུད་ ཟླཝ་གསུམ་རེ་ལུ་བཏོན་ནི།

ལྷན་ཁག་གི་ས་གནས།

ལས་ལྷན་གྱི་ལས་བྱེདཔ་ཚུ་གི་དོན་ལུ།

འབྲེལ་བ་འཐབ་ས།

བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག།
འགྲེམས་སྒྲོམ་ཨང་ ༡༠༣༦ མཐོང་གསལ་ལམ།
མུ་ཏིག་ཐང་ འོག།
ཐིམ་ཕུ། འབྲུག།
སྤྱིར་བཏང་འབྲེལ་བ་འཐབ་སཿ༠༢༣༣༣༨༦༧
ཕྱི་རྒྱལ་ལཱ་གཡོག་ལས་ཚནཿ༠༢-༣༣༠༧༨༧/༣༣༠༧༨༨
ལཱ་གཡོག་ཞབས་ཏོག་ལྟེ་བཿ ༠༢-༣༣༤༤༩༥

 • ཁ་མི་བཟེད་པའི་ངག་བརྗོད།  • ཡོངས་འབྲེལ་སབ་ཁྲ

 

འབྲེལ་བ་འཐབ་གནང་།

འདྲ་བཤུས་དབང༌ཆ།©༢༠༢༢ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག། • མདོ་ཆེན་ཡིག་ཚང་། •  ཡོངས་འབྲེལ་འགན་འཛིན་པཿ ཕུརཔ་རྡོེ།  (pdorji@molhr.gov.bt) • བརྒྱུད་འཕྲིན་ཨང་ +༩༧༥༠༢༣༣༣༨༦༧