Department of Labour-This is to notify and inform the general public that the SHORT-TERM WORK PERMIT (E-Work Permit) is now being initiated by the Ministry of Labour and Human Resources. The employers wishing to import foreign workers even for the duration less than 30 days should now compulsorily apply online through MoLHR-MIS with immediate effect. Besides the normal required documents, the individual/FWRA/employers should submit the medical clearance certificate of the foreigners obtained from the country of origin.This notification is referred to the approval of the night halt work permits only and for other categories and updates, MoLHR will keep notifying in future.

ལས་མི་ལས་ཁུངས།

ལས་མི་ལས་ཁུངས་འདི་ དབྱིན་ལོ་ ༢༠༠༣ ལུ་རང་དབང་ཅན་གྱི་ ལས་ཁུངས་གཉིས་ལུ་དབྱེ་ཁག་བཟོ་སྟེ་ ལས་གཡོག་ལྷན་ཁག་ལུ་བཟོ་ཡོདཔ་དང་ ལཱ་གཡོག་ཡར་རྒྱས་དང་ ལྷན་ཐབས་ཀྱི་ཕྱཱ་ལཱ་འདི་ཚུ་ ལས་གཡོག་ལས་ཁུངས་ཀྱི་འགན་འཁུར་དང་ ལས་མི་ལས་ཁུངས་འདི་ རྒྱལ་ཁབ་ནང་གི་ ལས་མི་འཛིན་སྐྱོང་གི་འགན་འཁུར་ཨིནམ་དང་ ལས་མི་འཛིན་སྐྱོང་འདི་ ལས་མི་འཛིན་སྐྱོང་གི་སྲིད་བྱུས་དང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་དེའི་ སྒྲིག་གཞི་དེ་ཚུ་གིས་ལམ་སྟོན་འབདཝ་ཨིན།

འཆར་སྣང་།

དྲང་བདེན་དང་དྲང་པོའི་ ལས་མི་འཛིན་སྐྱོང་གིས་ ཡར་དྲགས་ཅན་གྱི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་རྒྱལ་ཁབ།

དམིགས་གཏད།

ལས་མི་འཛིན་སྐྱོང་དང་ ལས་མི་མཐུན་ལམ་ ཕྱོགས་གསུམ་གྱི་ཐབས་ལམ་ མི་སྡེའི་ཉེན་སྲུང་ འཕྲོད་བསྟེན་དང་ཉེན་སྲུང་ཅན་གི་ལཱ་གི་ས་ཁོངས་ཀྱི་སྒོ་ལས་ ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་གཉིས་ཀྱི་ བདེ་སྐྱིད་ཡར་དྲགས་དང་ཉེན་སྲུང་།

འགན་དབང་།

  • ལས་མི་ ཐོབ་དབང་དང་ ཉེན་ཁག་ཡོད་པའི་སྡེ་ཚན་ཚུ་གི་ཉེན་སྲུང་།
  • ལཱ་གི་ས་ཁོངས་ནང་གི་ཉེན་སྲུང་།
  • དྲང་བདེན་ཅན་གྱི་ལཱ་གི་གནས་སྟངས་དང་ ཉེན་སྲུང་ཅན་གྱི་ལཱ་གི་ས་ཁོངས།
  • དྲང་བདེན་དང་དྲང་པོའི་ལཱ་གི་ས་ཁོངས།
  • འཚོ་རྟེན་མ་དངུལ་དང་ དགོངས་ཞུའི་གསོལ་རས་ དེ་ལས་ རྒུད་འཐུས་ཚུ་གི་ཐབས་ལམ་ལས་རྟེན་ཏེ་ དབུལ་ཕོངས་མར་ཕབ་འབད་ནི།
  • ལས་མི་དང་འབྲེལ་བའི་ བཅའ་ཁྲིམས་དང་སྒྲིག་གཞི་ དེ་ལས་འབྲེལ་བ་ཡོད་པའི་སྒྲིག་གཞི་དང་བཀོད་ཁྱབ་བཀའ་རྒྱ་ཚུ་ ཁྱབ་སྤེལ་འབད་ནི།
  • ལཱ་གི་ས་ཁོངས་ནང་ འབྲེལ་བ་ལེགས་ཤོམ་བཟོ་ནི།
  • རྒྱལ་ཁབ་ནང་གི་ མི་སྡེའི་ཉེན་སྲུང་དང་ ཕན་བདེ་ཡར་དྲགས་བཏང་ནི།
  • རྒྱལ་ཁབ་ནང་ལུ་ འབྲུག་གི་ལས་མི་ མེད་མི་ནང་ ཕྱིའི་ལས་མི་ལཱ་གཡོག་ནང་ ལྷན་ཐབས་འབད་ནི།
  • གཞུང་དང་གཅིག་ཁར་ རྒྱལ་ཡོངས་གླ་ཕོགས་དམའ་ཚད་ བསྐྱར་ཞིབ་འབད་ནི།
  • ལཱ་གཡོག་གསར་བཟོ་ཡར་དྲགས།
  • ཕྱོགས་གསུམ་ཐབས་ལམ་གྱི་སྒོ་ལས་ ལཱ་གི་གནས་སྟངས་ཡར་དྲགས་བཏང་ནི།

ལས་མི་ལས་ཁུངས་ཀྱིས་ ཞབས་ཏོག་འདི་ཡང་ གཤམ་གསལ་སྡེ་ཚན་བཞི་གིས་ ལས་མི་ཉེན་སྐྱོབ་དང་ མི་སྡེའི་ཉེན་སྲུང་ ཕྱིའི་ལས་མི་འཛིན་སྐྱོང་དང་ལས་མིའི་མཐུན་ལམ་གྱི་ཐོག་ལས་ཨིན།

༡་ ལས་མི་ཉེན་སྐྱོབ་སྡེ་ཚན།

༢་ མི་སྡེའི་ཉེན་སྲུང་སྡེ་ཚན།

༣་ ཕྱིའི་ལས་མི་སྡེ་ཚན།

༤་ ལས་མིའི་མཐུན་འབྲེལ་སྡེ་ཚན།

ལས་མི་ཉེན་སྐྱོབ་སྡེ་ཚན།

ལས་མི་ཉེན་སྐྱོབ་སྡེ་ཚན་འདི་ཡང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་འཁྲིལ་ཏེ་ སྒེར་སྡེ་དང་ ལས་འཛིན་ཚུ་གི་་ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་ཚུ་ལུ་ གནས་ཐབས་ཀྱི་འགན་འཁུར་ཨིན་མི་འདི་ཡང་ གཤམ་གསལ་གྱི་ལཱ་འགན་དང་འཁྲིལ་ཏེ་ཨིན།

  • ལཱ་གཡོག་དང་ལས་མི་བཅའ་ཁྲིམས་ ༢༠༠༧ ཅན་མ་གི་དབང་ཆ་དང་འཁྲིལ་ཏེ་ ལཱ་གི་གནས་སྟངས་དང་ ལཱ་གི་ས་ཁོངས་ཚུ་ ཞིབ་དཔྱད་འབད་ནི།
  • བཅའ་ཁྲིམས་ཀྱི་བརྗོད་དོན་དང་འཁྲིལ་ ལཱ་གཡོག་བྱིན་མི་དང་ འཛིན་སྐྱོང་ དེ་ལས་ལཱ་གཡོགཔ་ཚུ་ལུ་ བཅའ་ཁྲིམས་ཀྱི་བརྗོད་དོན་དང་ རང་རྐྱང་གི་སྒྲིག་གཞི་ལུ་གནས་ཐབས་དང་ རང་རྐྱང་གི་ཞིབ་དཔྱད་འབད་འདི་ བཅའ་ཁྲིམས་དང་སྒྲིག་གཞི་གནས་ཐབས་ལུ་དམིགས་ཏེ་ ཤེས་ཡོན་དང་ ལམ་སྟོན་ དེ་ལས་སླབ་བྱ་བྱིན་ནི་འགན་འཁུར།
  • བཅའ་ཁྲིམས་དང་སྒྲིག་གཞི་གནས་ཐབས་ཚུ་ ལྟ་རྟོག་འབད་དེ་ ལེགས་བཅོས་འབད་ནི་དོན་ལུ་ འཛོལ་བ་ཚུ་ངོས་འཛིན་འབད་ནི།
  • ཞིབ་དཔྱོད་པ་གིས་ ཞིབ་དཔྱད་འབད་བའི་ གྲུབ་འབྲས་ཚུ་ སྙན་ཞུ་འབད་ནི།
  • ལས་མི་ཞིབ་དཔྱད་དང་ལས་མི་ཉེན་སྲུང་དང་འབྲེལ་བའི་ གཞུང་དང་སྒེར་ དེ་ལས་ལས་ཁུངས་དང་ལྷན་ཁག་གཞན་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ སྙན་ཞུ་འབད་ནི།
  • ལས་མི་ལས་ཁུངས་ཀྱི་འགོ་དཔོན་ལུ་ རྒྱབ་སྐྱོར་འབད་དེ་ གནས་ཚུལ་བསྡུ་ལེན་འབད་ནི་དང་ ཞིབ་འཚོལ་འབད་ནི་ གླ་ཕོག་དང་འབྲེལ་བའི་སྲིད་བྱུས་བཟོ་ནི་ དེ་ལས་ འདོད་སྤྱོད་སྡུག་སྦྱོང་དང་ འཕྲོད་སྟེན་དང་ཉེན་སྲུང་དེ་ཚུ་གི་ སྲིད་བྱུས་གསརཔ་བཟོ་ནི།
  • ལཱ་རིགས་ལྟ་རྟོག་འབད་ནི་དང་ ལུང་ཕྱོགས་ཡིག་ཚང་ཚུ་གི་ ལས་མི་འགོ་དཔོན་ཚུ་ ལག་ལེན་འཐབ་ནི།
  • ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་གི་སྒྲིག་གཞི་དང་འཁྲིལ་ཏེ་ ལཱ་གི་ས་ཁོངས་ནང་ ལག་ལེན་འཐབ་ནི་དང་ བསྟར་སྤྱོད་འབད་ནི།
  • ལཱ་གི་ས་ཁོངས་ནང་ ལཱ་གཡོགཔ་དེ་ཚུ་དང་ མི་མང་སྤྱིར་བཏང་གི་ འཕྲོད་སྟེན་དང་ཉེན་སྲུང་།
  • ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་གི་དཀའ་ངལ་དང་ ཉོགས་བཤད་ དེ་ལས་ ལཱ་དང་འབྲེལ་བའི་ནད་གཞི་དང་གནོད་རྐྱེན་ཚུ་ མར་ཕབ་འབད་ནིའི་དོན་ལུ་ ཞིབ་འཚོལ་འབད་ནི།
  • ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་གི་གནས་ཚད་ཚུ་གི་ རྒྱབ་སྣོན་བཟོ་དེ་ཕུལ་ནི།
  • ལཱ་གཡོགཔ་དང་ ལཱ་གཡོག་བྱིན་མི་ ལས་མི་ཞིབ་དཔྱོད་པ་དང་ མི་མང་སྤྱིར་བཏང་ཚུ་ ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་གི་ སྦྱོང་བརྡར་དང་ ཤེས་ཡོན་བྱིན་ནི།
  • ལཱ་གི་ས་ཁོངས་ནང་ འཕྲོད་སྟེན་དང་ཉེན་སྲུང་གི་རྒྱབ་སྣོན་འབད་ནི་དང་ ཚོང་ལས་ཚུ་ ལྕོགས་གྲུབ་ཡར་རྒྱས་བཏང་ཐོག་ལས་ ཡང་དྲགས་བཏང་ནི།
  • ལས་མི་ཞིབ་དཔྱོད་པ་ཚུ་གི་ ཞིབ་དཔྱད་སྐབས་ ལཱ་གི་ས་ཁོངས་དང་འབྲེལ་བའི་ཉོགས་བཤད་དེ་ཚུ་ རྒྱབ་སྣོན་འབད་ནི།
  • ལས་མི་ཞིབ་དཔྱད་ལྟེ་བ་གཞི་བཙུགས་འབད་དེ་ ཉོག་མེད་སྤྲོད་ནི།
  • ལཱ་དང་འབྲེལ་བའི་ལཱ་གི་ས་ཁོངས་ནང་གི་ ནད་གཞི་མར་ཕབ་འབད་ཐབས་ལུ་ འཐབ་ལམ་སྒྲིག་ནི་དང་ ལྟ་རྟོག་འབད་ནི།
  • ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་ འགན་འཛིན་ནང་མ་ཚུད་པའི་ རང་རྐྱང་གི་ལཱ་གཡོག་བྱིན་མི་དང་བཟའ་ཚང་གི་ཚོང་ལཱ་ དེ་ལས་སོ་ནམ་ཞིང་ལཱ་འབད་མི་ཚུ་ལུ་ ཞབས་ཏོག་ཕུལ་ནི།

ལས་མི་མཐུན་འབྲེལ་སྡེ་ཚན།

ལས་མི་མཐུན་འབྲེལ་སྡེ་ཚན་འདི་གིས་ ལཱ་གི་ས་ཁོངས་ནང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་དང་སྒྲིག་གཞི་འཁྲིལ་ཏེ་ མཐུན་བསྒྲིགས་འབད་ནི་འདི་ཡང་ གཤམ་གསལ་ལྟར་ཨིན།

  • རང་རྐྱང་དང་སྤྱི་རུབ་ལཱ་གི་མཐུན་བསྒྲིགས་དང་ མཐུན་ལམ་ དེ་ལས་ལཱ་གི་རྩོད་ཉོགས་དང་འབྲེལ་བའི་ ཉོགས་བཤད་དེ་ཚུ་མར་ཕབ་འབད་ཐབས་ལུ་ སྲིད་བྱུས་དང་ལས་རིམ་བཟོ་ནི།
  • ལཱ་གཡོག་བྱིན་མི་དང་ ལཱ་གཡོགཔ་ དེ་ལས་འབྲེལ་ཡོད་གཞུང་གི་འགོ་དཔོན་དང་སྤྱིར་བཏང་མི་སྡེ་ལུ་ ལས་མི་མཐུན་འབྲེལ་དང་འབྲེལ་བའི་ཤེས་ཡོན་དང་སྙན་ཞུ་འབད་ནི།
  • ལཱ་གཡོག་བྱིན་མི་དང་ ལཱ་གཡོགཔ་དེ་ཚུ་ ཚོང་ལས་ཀྱི་གནས་ཚད་ནང་ ལས་མི་མཐུན་འབྲེལ་གྱི་བྱ་སྒོའི་རིམ་པ་ ཕན་ཚུན་མཉམ་འབྲེལ་གྱི་རིགས་རྩལ་ སྒྲོས་བསྟུན་འབད་ནི་དང་ བདེ་སྒྲིག་བཟོ་ནི་ལུ་ སྦྱོང་བརྡར་བྱིན་ནི།
  • ཉོགས་བཤད་ཚུ་ སྙན་ཞུ་དང་སླབ་བྱ་ དེ་ལས་ མཐུན་འགྲིག་དང་ ནང་འགྲིག་གི་ཐོག་ལས་ བསལ་ནི།
  • ནང་འགྲིག་དང་ ཉོགས་བཤད་བསལ་ནི་ལུ་ བདག་སྐྱོང་གི་རྒྱབ་སྐྱོར་འབད་ནི།
  • ལཱ་གི་ས་ཁོངས་ནང་ བཅའ་ཁྲིམས་དང་འབྲེལ་བའི་ མཐུན་ལམ་དང་མཉམ་འབྲེལ་དེ་ཚུ་ ལྟ་རྟོག་གི་ཐོག་ལས་ཡར་དྲགས་བཏང་ནི།
  • ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་དེ་ཚུ་ལུ་ ཐོབ་དབང་དང་འགན་དབང་དེ་ཚུ་གི་སྐོར་ལས་ སླབ་བྱ་བྱིན་ནི།
  • ལཱ་གི་རྩོད་ཉོགས་དང་འབྲེལ་བའི་ ཞིབ་དཔྱད་འབད་ནི་དང་ སྡེ་ཚན་ཚུ་གི་ཉོགས་བཤད་བསལ་ནི།
  • ནང་འགྲིག་འབད་ནི་ མཐུན་འགྲིག་འབད་མི་དེ་ཚུ་ལུ་ བཅའ་ཁྲིམས་དང་འབྲེལ་བའི་ འགན་འཁུར་གི་སྐོར་ལས་ ཤེས་ཡོན་བྱིན་ནི།
  • སྡུག་སྐད་དང་ཉོགས་བཤད་ བསལ་མ་ཚུགས་པ་ཡོད་མི་དེ་ཚུ་ ཐོབ་དབང་གི་རྩོད་ཉོགས་ བསྐྱར་ཞིབ་འབད་ནི།
  • ཁྲིམས་ཁང་ནང་ ལྷན་ཁག་གི་ངོ་ཚབ་སྦེ་སྟོན་ནི།
  • ཉེས་འཛུགས་ཀྱི་ཐོ་ཡིག་འདི་ ལས་མིའི་རྩོད་ཉོགས་རྐྱངམ་ཅིག་མེན་པ་ གཞན་ཁྲིམས་འགལ་དང་ ཉེས་འཛུགས་དེ་ཚུ་ ཁྲིམས་ཀྱི་མདུན་སར་ ཕུལ་ནི།
  • ལས་མི་དང་ལཱ་གཡོག་འབྲེལ་བའི་ ཁྲིམས་ལྡན་གྱི་ བསམ་འཆར་ ལྷན་ཁག་དང་ལས་ཁུངས་ལུ་ དགོས་མཁོ་དང་བསྟུན་ཕུལ་ནི།

ཕྱིའི་ལས་མི་སྡེ་ཚན།

ཕྱིའི་ལས་མི་སྡེ་ཚན་གྱི་ལཱ་འགན་འདི་ཡང་ རྒྱལ་ཁབ་ནང་གི་ ཕྱིའི་ལས་མི་དེ་ཡང་ དགོས་མཁོ་དང་འཁྲིལ་ཏེ་ གནང་བ་བྱིན་ནི་འདི་ཡང་ གཤམ་གསལ་ལྟར་ཨིན།

  • སྲིད་བྱུས་དང་སྒྲིག་གཞི་འཁྲིལ་ཏེ་ ཕྱིའི་ལས་མིའི་ཞུ་ཡིག་བསྐྱར་ཞིབ་འབད་དེ་ གནང་གནང་ནི།
  • ཕྱིའི་ལས་མི་ ལཱ་གཡོག་བྱིན་མི་གིས་ ལཱ་གཡོག་ནང་གི་ལྟ་རྟོག།
  • ཕྱིའི་ལས་མི་གི་ ལཱ་གི་མཆོག་ཐམ་གྱི་དུས་ཡུན་རྫོགས་པའི་ཤུལ་ལུ་ སླར་ལོག་བཏང་ནི།
  • ཕྱིའི་ལས་མི་གིས་ འདྲ་མཉམ་གྱི་སྐྱོང་བཞག་ཐོབ་དབང་བཟོ་ནི།
  • ཕྱིའི་ལས་མི་དེ་ཚུ་ རྒྱལ་ཁབ་ནང་ ལཱ་འབད་བའི་སྐབས་ ལཱ་གི་མཆོག་ཐམ་གྱི་དུས་ཡུན་མ་རྫོགས་པ་ཡོདཔ་སྦེ་ངེས་བརྟན་བཟོ་ནི།
  • ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་གཉིས་ཆ་རང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་ དེའི་སྒྲིག་གཞི་ལུ་གནས་ནི་གི་ ངེས་བརྟན་བཟོ་ནི།
  • ཕྱིའི་ལས་མི་ལཱ་གཡོག་གསར་བཙུགས་ཀྱི་ ལས་སྡེ་ལྟ་རྟོག་འབད་ནི་དང་ དབྱེ་ཞིབ་འབད་ནི་ དེ་ལས་ ཞིབ་ཏཔྱད་འབད་ནི་དང་སྦྱོང་བརྡར་འབད་ནི།
  • ཕྱིའི་ལས་མིའི་སྲིད་བྱུས་དང་ཁྲིམས་ལུགས་ དེ་ལས་ སྒྲིག་གཞི་དང་ལཱ་གཡོག་གསར་བཙུགས་ཀྱི་ བསྐྱར་ཞིབ་འབད་ནི་དང་ བསྒྱུར་བཅོས་འབད་ནི་གི་དོན་ལུ་ རྒྱབ་སྣོན་འབད་ནི།
  • ཕྱིའི་ལས་མི་དང་འབྲེལ་བའི་ གནད་དོན་གུ་ ཕྱིའི་ལས་མི་ལས་ཁུངས་དང་གཅིག་ཁར་ མཉམ་འབྲེལ་འབད་ནི།
  • ཕྱིའི་ལས་མི་དགོ་མཁོ་དབྱེ་ཞིབ་འབད་ནི་ དེ་ལས་གཞུང་ལུ་དུས་དང་དུས་སུ་ ཚད་གཞི་གི་སྐོར་ལས་རྒྱབ་སྣོན་འབད་ནི།
  • ཕྱིའི་ལས་མི་དེ་ཚུ་ བཟོ་གྲྭ་འཕྲུལ་ཁང་དང་ལཱ་འགན་ ཡང་ན་ རྒྱལ་ཁབ་ནང་ ཚད་གཞི་ལས་འགལ་བའི་ཕྱིའི་ལས་མིགི་ལྟ་རྟོག།
  • ཕྱིའི་ལས་མིའི་ལཱ་འགན་འདི་ འབྲུག་པའི་མི་གི་འབད་ཚུགས་པའི་ལཱ་འགན་དེ་ཚུ་ གདམ་འཛིན་འབད་ནི།
  • ཕྱིའི་ལས་མི་གི་སྙན་ཞུ་ ལས་ཁུངས་དང་ ལྷན་ཁག་ དེ་ལས་གཞུང་གི་དགོས་མཁོ་དང་བསྟུན་ ཕུལ་ནི།
  • ཕྱིའི་ལས་མི་གི་ གནས་སྡུད་དང་གནས་ཚུལ་དེ་ཚུ་ བརྟན་ཏོག་ཏོ་བཟོ་ནི་དང་ གནང་བ་མེད་པའི་མི་གཞན་ལུ་ གསལ་སྟོན་འབད་ནི་མི་འོང་།
  • ཕྱིའི་ལས་དེ་རྒྱལ་ཁབ་ནང་འབག་འོང་ནིའི་ གློག་རིག་ཡོངས་འབྲེལ་ བསྐྱར་ཞིབ་འབད་ནི་དང་ ལེགས་བཅོས་འབད་ནི་གི་ འཐབ་ལམ་རྒྱབ་སྣོན་འབད་ནི།

མི་སྡེའི་ཉེན་སྲུང་སྡེ་ཚན།

མི་སྡེའི་ཉེན་སྲུང་སྡེ་ཚན་གྱི་འགན་ཁུར་འདི་ཡང་ རྒྱལ་ཁབ་ནང་གི་ལཱ་གཡོགཔ་ཚུ་གི་ མི་སྡེའི་ཉེན་སྲུང་བཟོ་ནི་དང་ ཡར་དྲགས་བཏང་ནི་ དུས་མཚམས་སུ་ རྒྱལ་ཡོངས་ལས་མིའི་གླ་ཆ་བསྐྱར་ཞིབ་འབད་ནིའི་འགན་ཁུར་འདི་ཡང་ གཤམ་གསལ་ལྟར་ཨིན།

  • རྒྱལ་ཁབ་ཀྱི་ མི་སྡེའི་ཉེན་སྲུང་གི་ གནད་དོན་གུ་ བརྟག་ཞིབ་དང་ ཞིབ་འཚོལ་འབད་དེ་ གཞུང་གི་གྲོས་ཐག་གི་དོན་ལུ་ རྒྱབ་སྣོན་ཕུལ་ནི།
  • འཚོ་རྟེན་མ་དངུལ་དང་ དགོངས་ཞུའི་གསོལ་རས་འཆར་གཞི་ བསྐྱར་ཞིབ་འབད་དེ་ རྒས་ཕོགས་ཀྱི་འཆར་གཞི་དང་ སྒྲིག་འཐབ་བཟོ་ནི།
  • མི་སྡེའི་ཉེན་སྲུང་གི་ ཞབས་ཏོག་དབང་ཚད་ཕྱིར་སྤེལ་གྱི་འཐབ་ལམ་དང་འབྲེལ་བའི་ བདག་སྐྱོང་དང་ལག་ལེན་གྱི་ཡོངས་རྫོགས་ བཀོད་ཁྲམ་བཟོ་ནི།
  • མི་སྡེའི་ཉེན་སྲུང་འདི་ ལས་འཛིན་དང་སྒེར་སྡེའི་ལཱ་གཡོགཔ་ཚུ་ལུ་ མི་སྡེའི་གོ་བ་བརྡ་སྤྲོད་ལས་རིམ་དང་ འཆར་གཞི་བརྩམ་ཏེ་ ལག་ལེན་འཐབ་ནི།
  • མི་སྡེའི་ཉེན་སྲུང་གི་སྐོར་ལས་ གྲོས་བསྟུན་འབད་ནི་དོན་ལུ་ མི་མང་གྲོས་གནས་བཟོ་ནི།
  • མི་སྡེའི་ཉེན་སྲུང་གི་གནད་དོན་དང་འབྲེལ་བའི་ མི་སྡེའི་གོ་བ་བརྡ་སྤྲོད་ སྤེལ་ཐབས་ཀྱི་ཡིག་ཆ་བཟོ་ནི།
  • འཚོ་རྟེན་མ་དངུལ་དང་ དགོངས་ཞུའི་གསོལ་རས་འཆར་གཞི་དང་འབྲེལ་བའི་ ཁྲིམས་ལུགས་དང་ སྒྲིག་གཞི་བཟོ་སྟེ་ ཞིབ་དཔྱད་ཐོག་ལས་ དང་ལེན་འབད་ནི།

སྲིད་སྦྱུས་དང་ལམ་སྟོན

རྒྱལ་ཡོངས་ལས་མིའི་བདག་སྐྱོང་གི་དམིགས་ཡུལ་གཙོ་བོ་འདི་ཡང་ ལཱ་གཡོགཔ་ཚུ་གི་ ལཱ་གི་ས་ཁོངས་ལེགས་ཤོམ་བཟོ་ནི་ རང་དབང་དངའདྲ་མཉམ་ ཉེན་སྲུང་དང་མིའི་ཚུལ་མཐུན་བཟོ་ཐོག་ལས་ ལས་ཁུངས་འདི་གཤམ་གསལ་གྱི་འགན་འཁུར་ཡོདཔ་ཨིན།

  • ལཱ་གི་གནས་སྟངས།
  • ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་།
  • མི་སྡེའི་ཉེན་སྲུང་།
  • ཕྱིའི་ལས་མི་འཛིན་སྐྱོང་།
  • ལས་མིའི་རྩོད་རྙོག་དང་བདེ་འགྲིག།
  • མཉམ་རུབ་ཀྱི་གྲོས་འགྲིག་དང་ མཉམ་རུབ་ཀྱི་ཐོག་ལས་ རྩོད་རྙོག་བདེ་འགྲིག།

འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལ་ ལས་མིའི་བདག་སྐྱོང་སྲིད་བྱུས་དང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་ དེ་ལས་ ལས་མི་ལས་ཁུངས་ཀྱི་ འགན་ཁུར་དེ་ཚུ་ ཡིག་ཆའི་འགན་དབང་དེ་ཚུ་ གྲུབ་ཐབས་ལུ་དམིགས་ཏེ་ཨིན།

འཆར་སྣང་

ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་གཉིས་ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་དང་ ཐོན་སྐྱེད་ཅན་གྱི་ རྒྱལ་ཁབ།

དམིགས་གཏད།

ལས་མི་ལས་ཁུངས་འདི་ ལས་མིའི་ དོན་སྨིན་ཅན་གྱི་ སྲིད་བྱུས་བཙམ་ནི་དང་ ལག་ལེན་འཐབ་སྟེ་ ལས་འཛིན་དང་སྒེར་སྡེ་ནང་གི་ ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་གཉིས་ཀྱི་ སྤུས་ཚད་ཅན་གྱི་ཞབས་ཏོག་སྤྲོད་ཐབས་ལུ་དམིགས་ཏེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ མི་སྡེའི་ཡར་རྒྱས་འདི་ གཤམ་འཁོད་ཀྱི་བརྗོད་དོན་དང་འཁྲིལ་ཏེ་ཨིན།

༡་ ཕྱིའི་ལས་མི།

༢་ ལས་མི་ཞིབ་དཔྱད།

༣་ ལས་མི་མཐུན་འབྲེལ།

༤་ མི་སྡེའི་ཉེན་སྲུང་།

དམིགས་དོན།

  • ལས་མི་ལས་ཁུངས་ཀྱི་ འཆར་གཞི་ ༡༠ པའི་ནང་ གཤམ་འཁོད་ཀྱི་དམིགས་དོན་ཚུ་གྲུབ་ནི་ལུ་བཙོན་ནི་ཨིན། ལས་མི་ཞིབ་དཔྱད་དང་ ལས་མི་མཐུན་ལམ་དང་འབྲེལ་བའི་ ཁྲིམས་ལུགས་དང་སྒྲིག་གཞི་ ཟིན་བྲིས་འཐབ་སྟེ་ ལྷན་ཁག་ལུ་ཆ་འཇོག་གི་དོན་ལུ་ཕུལ་ཏེ་ མི་སྡེ་ལུ་ཁྱབ་སྤེལ་དང་ལག་ལེན་འཐབ་ནི།
  • ཚོང་ལས་ཚུ་ ཞིབ་དཔྱད་འབད་དགོ་མི་དེ་ཚུ་ ལོ་གཅིག་ནང་ཚར་ཅིག་ ཞིབ་དཔྱད་འབད་ནི།
  • ཕྱིའི་ལས་མི་དང་ ནང་གི་ལཱ་གཡོགཔ་ག་ར་ ལས་མི་ཉེན་སྲུང་གི་ལས་དོན་ལས་རྟེན་ ལཱ་གི་ས་ཁོངས་ནང་ཉེན་སྲུང་དང་ བདེ་ཏོག་ཏོ་བཟོ་ནི་ དེ་ལས ཡར་དྲགས་བཏང་ནི།
  •  ལས་འཛིན་དང་སྒེར་སྡེ་ནང་ལུ་ རྒྱལ་ཡོངས་གླ་ཕོགས་གི་སྲིད་བྱུས་ བཟོ་སྟེ་ ལག་ལེན་འཐབ་ནི།
  • ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་ དེ་ལས་འདི་དང་འབྲེལ་བའི་ སྲིད་བྱུས་བརྩམ་སྟེ་ ལག་ལེན་འཐབ་ནི།
  • ལས་མི་ཞིབ་དཔྱད་ཀྱི་རིང་ལུགས་བཟོ་སྟེ་ ལག་ལེན་འཐབ་ནི།
  • གླ་ཕོགས་དང་ ལཱ་གི་གནས་སྟངས་དང་འབྲེལ་བའི་ ལས་མིའི་མཐུན་འབྲེལ་གྱི་གནད་དོན་ཚུ་གི་དོན་ལུ་ གྲོས་འགྲིག་གི་རིང་ལུགས་བཟོ་ནི།
  • ལས་མིའི་ རྩོད་རྙོག་གི་ཐབས་ལམ་བཟོ་ནི་དང་ ཚོང་ལས་ནང་ ལག་ལེན་འཐབ་ནི།
  • ལུགས་སྲོལ་དང་འབྲེལ་བའི་ ལས་མིའི་རྩོད་རྙོག་དང་ བདེ་འགྲིག་གི་འཐབ་ལམ་ བཟོ་ནི་དང་ལག་ལེན་འཐབ་ནི།
  • ཕྱིའི་ལས་མི་ མར་ཕབ་འབད་ནི་དང་ འཛིན་སྐྱོང་འཐབ་ནི།

ཐབས་བྱུས།

ལས་ཁུངས་ཀྱི་ དམིགས་དོན་གྲུབ་ཐབས་ལུ་ ལག་ལེན་གྱི་ཐབས་བྱུས་འདི་ཡང་།

  • ལས་མིདང་ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་ ལཱ་གི་གནས་སྟངས་སྒྲིག་གཞི་ བརྩམ་སྟེ་ ལག་ལེན་འཐབ་ནི།
  • ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་གི་སྒྲིག་གཞི་ལག་ལེན་འཐབ་ནི།
  • རྒྱལ་ཡོངས་གི་གནས་ཚད་ཀྱི་ གླ་ཕོགས་ཀྱི་ སྲིད་བྱུས་འདི་ ལག་ལེན་འཐབ་ནི།
  • ལས་མི་ཞིབ་དཔྱད་ཀྱི་རིང་ལུགས་ དང་ལེན་འབད་ནི།
  • ལས་མིའི་རྩོད་རྙོག་གི་བཀག་ཐབས་དང་ བདེ་འགྲིག་གི་ཐབས་བྱུས་བཏོན་ནི།
  • ལས་མིའི་མཐུན་ཚོགས་གཞི་བཙུགས་འབད་དེ་ ཚོང་ལས་ཀྱི་གནས་ཚད་ནང་མཉམ་རུབ་ཀྱི་ གྲོས་འགྲིག་བཟོ་ནི།
  • ཕྱིའི་ལས་མི་ལཱ་གཡོག་གསར་བཙུགས་ཀྱི་ལས་སྡེ་དང་ གློག་རིག་ཡོངས་འབྲེལ་ཡར་དྲགས་བཏང་ཐོག་ལས་ ཕྱིའི་ལས་མི་ ལཱ་གཡོག་གསར་བཙུགས་དང་འཛིན་སྐྱོང་འཐབ་ནི།

ལས་མི་ཉེན་སྐྱོབ་སྡེ་ཚན།

  • ཚོང་ལས་ཚུ་ བཅའ་ཁྲིམས་དང་འཁྲིལ་ ཞིབ་དཔྱད་འབད་དེ་ བཅའ་ཁྲིམས་ཀྱི་བརྗོད་དོན་གུ་ ཤེས་ཡོན་བྱིན་ནི་ ལཱ་གཡོག་བྱིན་མི་ཚུ་ལུ་སྙན་ཞུ་འབད་དེ་ རང་རྐྱང་གིས་ ཁྲིམས་ལུགས་ལུ་གནས་ཐབས་དང་ དགོས་མཁོ་དང་བསྟུན་ཁྲིམས་ལུགས་དང་འཁྲིལ་ ལག་ལེན་འཐབ་ནི།
  • ཁྲིམས་ལུགས་དང་མ་འཁྲིལ་མི་ དང་ གནས་མ་ཚུགས་མི་དེ་ཚུ་ ལྟ་རྟོག་འབད་དེ་ ལེགས་བཅོས་དང་ ཁྲིམས་ལུགས་ལྟར་ དང་ལེན་འབད་བཅུག་ནི།
  • ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་འདི་ ལས་མི་ཞིབ་དཔྱད་འབད་དེ་ འགན་འཛིན་ནང་མ་ཚུད་པའི་ རང་རྐྱང་གི་ལཱ་གཡོག་བྱིན་མི་དང་ བཟའ་ཚང་གི་ཚོང་ལཱ་ དེ་ལས་སོ་ནམ་ཞིང་ལཱ་འབད་མི་ཚུ་ལུ་ ཞབས་ཏོག་ཕུལ་ནི།
  • ཞིབ་དཔྱོད་པ་གིས་ ཞིབ་དཔྱད་དང་ ལས་མི་མཐུན་འབྲེལ་གྱི་ གྲུབ་འབྲས་ཚུ་ སྙན་ཞུ་འབད་ནི་དང་ ལྷན་ཁག་ལུ་ལོ་བསྟར་སྙན་ཞུ་ཕུལ་ནི།
  • ལས་མི་ཞིབ་དཔྱད་དང་ ལས་མི་ཉེན་སྲུང་དང་འབྲེལ་བའི་ གཞུང་དང་སྒེར་ དེ་ལས་ལས་ཁུངས་དང་ལྷན་ཁག་ གཞན་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ སྙན་ཞུ་འབད་ནི།
  • སྲིད་བྱུས་གསརཔ་བཟོ་ནི་ལུ་རྒྱབ་སྣོན་འབད་དེ་ གནས་ཚུལ་བསྡུ་ལེན་འབད་ནི་དང་ ཞིབ་འཚོལ་འབད་ནི་ གླ་ཕོགས་དང་འབྲེལ་བའི་གནད་དོན་དང་ ལཱ གི་འཕྲོད་བསྟེན་དང་ཉེན་སྲུང་གི་སྐོར་ལས་ རྒྱབ་སྣོད་འབད་ནི།
  • ལུང་ཕྱོགས་ཡིག་ཚང་གི་ལཱ་འགན་ ལྟ་རྟོག་འབད་ནི།
  • ལཱ་གི་འཕྲོད་སྟེན་དང་ཉེན་སྲུང་གི་སྒྲིག་གཞི་དང་འཁྲིལ་ཏེ་ ལཱ་གི་ས་ཁོངས་ནང་ ལག་ལེན་འཐབ་ནི་དང་ བསྟར་སྤྱོད་འབད་ནི།

དེ་ཚུ་ཡང་གཤམ་གསལ་དང་འཁྲིལ་འགྲུབ་ནི་ཨིན།

  • དུས་རྒྱུན་གྱི་ཞིབ་དཔྱད། དུས་རྒྱུན་གྱི་ཞིབ་དཔྱད་འདི་ཡང་ གསལ་བསྒྲགས་འབད་དེ་འབད་ནི་དང་ ཡང་ན་ གསལ་བསྒྲགས་མ་འབད་བ་་ཞིབ་དཔྱད་འབད་དེ་ ཚོངས་ལས་ཚུ་ནང་ གནད་དོན་ཚུ་ཞིབ་དཔྱད་འབད་ནི་དང་ ཞིབ་དཔྱད་འབད་དགོ་མི་ཚོངས་ལས་ཚུ་ ལོ་གཅིག་ནང་ཚར་གཅིག་འབད་དགོཔ་ཨིན།
  • བསྐྱར་ཞིབ་ཀྱི་ཞིབ་དཔྱད། བསྐྱར་ཞིབ་ཀྱི་ཞིབ་དཔྱད་འདི་ཡང་ ལཱ་གཡོག་བྱིན་མི་འདི་གིས ཉེན་བརྡའི་བརྡ་བསྐུལ་སྤྲོད་མི་དང་འཁྲིལ་ དང་ལེན་འབད་དང་འབད་བའི་ཞིབ་དཔྱད།
  • དམིགས་བསལ་གྱི་ཞིབ་དཔྱད། དམིགས་བསལ་གྱི་ཞིབ་དཔྱད་འདི་ཡང་ ལཱ་གཡོགཔ་དེ་ཚུ་གིས་ ཉོགས་བཤད་དང་འཁྲིལ་ཏེ་ གནད་དོན་གཅིག་གུ་གཞི་བཞག་ནི་དང་ ཡང་ན་ བར་རྐྱེན་འབྱུང་སྟེ་ ཞིབ་དཔྱད་འབད་ནི། ཞིབ་དཔྱད་འདི་མང་ཤོས་གསལ་བསྒྲགས་འབད་ནི་མེདཔ་ཨིན།

ལས་མི་མཐུན་འབྲེལ་སྡེ་ཚན།

  • ལཱ་གཡོག་བྱིན་མི་དང་ ལཱ་གཡོགཔ་ དེ་ལས་འབྲེལ་ཡོད་གཞུང་གི་འགོ་དཔོན་དང་སྤྱིར་བཏང་མི་སྡེ་ལུ་ ལས་མི་མཐུན་འབྲེལ་གྱི་གནད་དོན་གུ་ཤེས་ཡོན་དང་སྙན་ཞུ་འབད་ནི།
  • ལཱ་གཡོག་བྱིན་མི་དང་ ལཱ་གཡོགཔ་དེ་ཚུ་ ཚོང་ལས་ཀྱི་གནས་ཚད་ནང་ ལས་མི་མཐུན་འབྲེལ་གྱི་ བྱ་སྒོའི་རིམ་པ་དང་བདེ་སྒྲིག་བཟོ་ནི་ལུ་ སྦྱོང་བརྡར་འབྱིན་ནི།
  • ལཱ་གཡོག་བྱིན་མི་དང་ ལཱ་གཡོགཔ་དེ་ཚུ་ ཚོང་ལས་ཀྱི་གནས་ཚད་ནང་ ལས་མི་མཐུན་འབྲེལ་གྱི་བྱ་སྒོའི་རིམ་པ་ ཕན་ཚུན་མཉམ་འབྲེལ་གྱི་རིགས་རྩལ་ སྒྲོས་བསྟུན་འབད་ནི་དང་ བདེ་སྒྲིག་འབད་ནི་ལུ་ སྦྱོང་བརྡར་བྱིན་ནི།
  • ཉོགས་བཤད་ཚུ་ སྙན་ཞུ་དང་སླབ་བྱ་ དེ་ལས་ མཐུན་འགྲིག་དང་ ནང་འགྲིག་ གི་ཐོག་ལས་བསལ་ནི།
  • ནང་འགྲིག་ནང་ཉོགས་བཤད་བསལ་ནི་ལུ་ བདང་སྐྱོང་གི་རྒྱབ་སྐྱོར་འབད་ནི།
  • ལཱ་གི་ས་ཁོངས་ནང་ བཅའ་ཁྲིམས་དང་འབྲེལ་བའི་ མཐུན་ལམ་དང་མཉམ་འབྲེལ་དེ་ཚུ་ ལྟ་རྟོག་གི་ཐོག་ལས་ཡར་དྲགས་བཏང་ནི།
  • ལཱ་གཡོག་བྱིན་མི་དང་ ལཱ་གཡོགཔ་དེ་ཚུ་ལུ་ ཐོབ་དབང་དང་ འགན་དབང་དེ་ཚུ་གི་སྐོར་ལས་ སླབ་བྱ་བྱིན་ནི།
  • ལཱ་གི་རྩོད་ཉོགས་དང་འབྲེལ་བའི་ ཞིབ་དཔྱད་འབད་ནི་དང་ སྡེ་ཚན་ཚུ་གི་ཉོགས་བཤད་བསལ་ནི།
  • ནང་འགྲིག་འབད་མི་དང་ མཐུན་འགྲིག་འབད་མི་དེ་ཚུ་ལུ་ བཅའ་ཁྲིམས་དང་འབྲེལ་བའི་ འགན་འཁུར་གི་སྐོར་ལས་ ཤེས་ཡོན་བྱིན་ནི།
  • ཁྲིམས་ཁང་ནང་ ལྷན་ཁག་གི་ངོ་ཚབ་སྦེ་སྟོན་ནི།
  • ལས་མི་དང་ལཱ་གཡོག་འབྲེལ་བའི་ ཁྲིམས་ལྡན་གྱི་ཐད་ལུ་ ལྷན་ཁག་གི་ངོ་ཚབ་འབད་ནི།

ཕྱིའི་ལས་མི་སྡེ་ཚན།

  • སྲིད་བྱུས་དང་སྒྲིག་གཞི་འཁྲིལ་ཏེ་ ཕྱིའི་ལས་མིའི་ཞུ་ཡིག་བསྐྱར་ཞིབ་འབད་དེ་ ལཱ་གཡོག་གི་གནང་བ་གནང་ནི།
  • ཕྱིའི་ལས་མི་ ལཱ་གཡོག་བྱིན་མི་གིས་ལཱ་གཡོག་ནང་གི་ལྟ་རྟོག།
  • ཕྱིའི་ལས་དེ་ཚུ་ བཅའ་ཁྲིམས་དང་འཁྲིལ་ ལོག་སྤྱོད་མི་འབད་ནི་དང་ འདྲ་མཉམ་གྱི་སྐྱོང་བཞག་ཐོབ་ནི་ ངེས་བརྟན་བཟོ་ནི།
  • ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་གཉིས་ཆ་རང་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་དེའི་སྒྲིག་གཞི་ལུ་གནས་ནི་དང་ ངེས་བརྟན་བཟོ་ནི།
  • ཕྱིའི་ལས་མི་ལཱ་གཡོག་གསར་བཙུགས་ཀྱི་ ལས་སྡེ་ལྟ་རྟོག་འབད་ནི་དང་ དབྱེ་ཞིབ་འབད་ནི་ དེ་ལས་ ཞིབ་ཏཔྱད་འབད་ནི་དང་སྦྱོང་བརྡར་འབྱིན་ནི།
  • ཕྱིའི་ལས་མི་དང་འབྲེལ་བའི་ གནད་དོན་གུ་ ཕྱིའི་ལས་མི་ལས་ཁུངས་དང་ཅིག་ཁར་ མཉམ་འབྲེལ་འབད་ནི།
  • ཕྱིའི་ལས་མི་ལཱ་གཡོག་གི་གློག་རིག་ཡོངས་འབྲེལ་འདི་ དུས་ཡུན་ཆུ་ཚོད་ ༢༤ དང་བདུན་རིམ་བཞིན་ལག་ལེན་འཐབ་བཏུབ་ ངེས་བརྟན་བཟོ་ནི།

མི་སྡེའི་ཉེན་སྲུང་སྡེ་ཚན།

  • རྒྱལ་ཁབ་ཀྱི་ མི་སྡེ་ཉེན་སྲུང་གི་ གནད་དོན་གུ་ བརྟག་ཞིབ་དང་ ཞིབ་འཚོལ་འབད་དེ་ གཞུང་གི་གྲོས་ཐག་གི་དོན་ལུ་ རྒྱབ་སྣོན་ཕུལ་ནི།
  • འཚོ་རྟེན་མ་དངུལ་དང་ དགོངས་ཞུའི་གསོལ་རས་འཆར་གཞི་ བསྐྱར་ཞིབ་འབད་དེ་ རྒས་ཕོགས་ཀྱི་འཆར་གཞི་དང་སྒྲིག་འཐབ་བཟོ་ནི།
  • མི་སྡེའི་ཉེན་སྲུང་གི་ ཞབས་ཏོག་དབང་ཚད་ཕྱིར་སྤེལ་གྱི་འཐབ་ལམ་དང་འབྲེལ་བའི་ བདག་སྐྱོང་ དང་ལག་ལེན་གྱི་ཡོངས་རྫོགས་ བཀོད་ཁྲམ་བཟོ་ནི།
  • མི་སྡེའི་ཉེན་སྲུང་འདི་ ལས་འཛིན་དང་སྒེར་སྡེའི་ལཱ་གཡོགཔ་ཚུ་ལུ་ མི་སྡེ་གོ་བ་བརྡ་སྤྲོད་ལས་རིམ་དང་ འཆར་གཞི་བརྩམ་ཏེ་ ལག་ལེན་འཐབ་ནི།
  • མི་སྡེ་ཉེན་སྲུང་དང་འབྲེལ་བའི་ གླ་ཕོགས་ དགོངས་ཞུའི་གསོལ་རས་ འཚོ་རྟེན་མ་དངུལ་ རྒས་ཕོགས་གི་ཐོབ་ལམ་ ལཱ་གཡོག་མེད་པའི་ཉེན་བཅོལ་ འབྲེལ་བ་མཇུག་སྡོམ་གྱི་ཐོབ་ལམ་དེ་ཚུ་གི་ འཆར་གཞི་བཙམ་ནི།

ལུང་ཕྱོགས་ཡིག་ཚང་།

ལུང་ཕྱོགས་ཀྱི་ ལས་གཡོག་ལྷན་ཁག་ ཡིག་ཚང་འདི་ཡང་།

  • ཆུ་ཁ་དང་བསམ་རྩེ་རྫོང་ཁག་གི་དོན་ལུ་ ཕུན་ཚོགས་གླིང་ ལུང་ཕྱོག་ཡིག་ཚང་།
  • གསར་སྤང་ རྩིས་རང་ དར་དཀར་ན ཀྲོང་གསར་ ཞལ་སྒང་ བུམ་ཐང་རྫོང་ཁག་གི་དོན་ལུ་ དགེ་ལེགས་ཕུ་ལུང་ཕྱོག་ཡིག་ཚང་།
  • བསམ་གྲུབ་ལྗོང་ཁར་དང་ པད་མ་དགའ་འཚལ་གྱི་དོན་ལུ་ བསམ་གྲུབ་ལྗོང་ཁར་ལུང་ཕྱོགས་ཡིག་ཚང་།
  • བཀྲིས་སྒང་ བཀྲིས་གཡང་རྩེ་ མོང་སྒར་ ལྷུན་རྩེ་གི་དོན་ལུ་ བཀྲིས་སྒང་ལུང་ཕྱོགས་ཡིག་ཚང་ཚུ་གིས་ མི་སྡེ་ལུ་ཞབས་ཏོག་སྤྲོད་ནི་ཨིན།
  • ཐིམ་ཕུག་ སྤ་རོ་ ཧཱ་ དབང་འདུས་ཕོ་བྲང་ སྤུ་ན་ཁ་དང་ སྒར་ས་ཚུ་གི་དོན་ལུ་ ཐིམ་ཕུ་ཡིག་ཚང་ལྟེ་བ་གི་ཞབས་ཏོག་སྤྲོདཔ་ཨིནམ་ད་ ལས་མི་ལས་ཁུངས་ཀྱིས་ འཆར་ལོ་ ༡༡ པའི་ནང་ ཐིམ་ཕུ་དང་ཡང་ན་ སྤ་རོ་ལུ་ ལུང་ཕྱོགས་ཡིག་ཚང་གཞི་བཙུགས་འབད་དེ་ གོང་འཁོད་རྫོང་ཁག་ཚུ་ཚུད་ནི་དང་ ཡིག་ཚང་ལྟེ་བ་གི་ འཆར་གཞི་བརྩམ་ནི་དང་ སྲིད་བྱུས་བཟོ་ནི་ དེ་ལས་ ལྟ་རྟོག་འབད་ནི་ཨིན།
  • སྤུ་ན་གཙང་ཆུ་ལས་འགུལ་དང་པ་གཉིས་པ་གི་དོན་ལུ་ ལོ་བི་ས་ལུ་ ལཱ་སའི་ཡིག་ཚང་ཅིག་ཡོད་མི་འདི་ ད་ལྟོ་ སྒོ་བསྡམ་དེ་ཡོདཔ་ཨིན།

གཙོ་བཏོན།

༡་ ལཱ་གཡོག་གི་གློག་རིག་ཡོངས་འབྲེལ།

ལཱ་གཡོག་གི་གློག་རིག་ཡོངས་འབྲེལ་དང་ ལཱ་གཡོག་བྱིན་མི་དང་ལཱ་གཡོགཔ་གི་དོན་ལུ་ ཐོ་བཀོད་དང་ ས་སྟོང་གསལ་བསྒྲགས་ དེ་ལས་ ལཱ་གཡོག་འཚོལ་མི་དང་ ས་སྟོང་གཉིས་ མཐུན་མི་མཐུན་གྱི་དོན་ལུ་ གནམ་ལོ་ ༢༠༠༠ ལུ་རྒྱལ་ཡོངས་ལཱ་གཡོག་བཀོད་ཚོགས་ གཞི་བཙུགས་འབད་དེ་ གནམ་ལོ་ ༢༠༠༡ ལུ་ལག་ལེན་འཐབ་ནུག། ད་རུང་ གནམ་ལོ་ ༢༠༠༣ ལས་ ༢༠༠༥ ཚུན་གྱི་ གློག་རིག་ཡོངས་འབྲེལ་བཟོ་སྟེ་ གནམ་ལོ་ ༢༠༠༦ ལུ་ལག་ལེན་འཐབ་སྟེ་ རྒྱལ་ཁབ་ནང་ལུ་ཡོངས་འབྲེལ་རིང་ལུགས་ འགོ་དང་པ་གཞི་བཙུགས་འབད་མི་འདི་གིས་ ལཱ་གཡོག་བྱིན་མི་འདི་གི་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ ཉེ་འདབས་ཀྱི་ཞབས་ཏོག་སྤྲོད་ནི་ལུ་དམིགས་ཏེ་ཨིན།

ཕྱིའི་ལས་མི་གི་ ལཱ་གཡོག་ཆོག་ཐམ་གྱི་ལཱ་གི་རིམ་པ་འདི་ སྔོན་མ་ ལག་ཐོག་ལས་འགོ་དཔོན་ ༦ དང་ ༧ གི་འབད་མི་འདི་ ད་རེས་ནངས་པ་ གློག་རིག་ཡོངས་འབྲེལ་གྱི་ཐོག་ལས་ འགོ་དཔོན་ ༢ གི་འབད་ཚུགས་དེ་ཡོདཔ་ཨིནམ་ད་ གློག་རིག་ཡོངས་འབྲེལ་རིང་ལུགས་འདི་ཡང་ བརྡ་དོན་འཕྲུལ་རིག་ལས་ཁུངས་ཀྱིས་ གཞུང་གི་ཡོངས་འབྲེལ་རིང་ལུགས་ཀྱི་ལག་ཆས་ ལེགས་ཤོམ་ཅིག་དང་  ངན་ལྷད་བཀད་སྡོམ་ལྷན་ཚོག་གིས་ ངན་ལྷད་བཀག་ཐབས་ཀྱི་ལག་ཆས་ཅིག་སྦེ་རྩིས་ཏེ་ཡོདཔ་ཨིན།

ལས་མི་ཞིབ་དཔྱད་དང་ སྙན་ཞུའི་རིམ་པ།

ལོ་གཉིས་ཀྱི་སྔོན་མ་ གློག་རིག་ཡོངས་འབྲེལ་བཟོ་མི་འདི་ ཤུལ་ལས་ སྤྱི་ལོ་ ༢༠༡༠ ལོའི་སྤྱི་ཟླ་ ༧ པའི་ནང་ཡོངས་འབྲེལ་ལག་ལེན་འཐབ་སྟེ་ མི་མང་ཞབས་ཏོག་ཡར་དྲགས་བཏང་ནི་ལུ་དམིགས་ཏེ་ཨིན།

ཡོངས་འབྲེལ་འཆར་སྒོའི་རིང་ལུགས་ཀྱི་ དམིགས་ཡུལ་འདི་ཡང་།

  • ལས་མི་ཞིབ་དཔྱོད་པ་དེ་ཚུ་ ལས་མི་ཞིབ་དཔྱད་འབད་དེ་ འདི་འཕྲོ་ལས་ གྲོས་ཐག་དང་ དང་ལེན་འབད་ཐབས་ལུ་ ཉེན་བརྡའི་བརྡ་བསྐུལ་དང་ བཀག་ཆའི་བརྡ་བསྐུལ་ དེ་ལས་ ཉེས་ཆད་དེ་ཚུ་ ལས་མི་བདག་སྐྱོང་གཙོ་འཛིན་ལུ་སྙན་ཞུ་ ཡོངས་འབྲེལ་གྱི་ཐོག་ལས་ སྤྲོད་ཚུགསཔ་ཨིན།
  • ཚོང་ལས་དང་ ལཱ་གཡོགཔ་དེ་ཚུ་གིས་ ཉོགས་བཤད་དང་ བར་རྐྱེན་འབྱུང་མི་དེ་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་ཕུལ་ཚུགསཔ་ཨིན།
  • ལས་མི་འཛིན་སྐྱོང་གཞན་དང་འབྲེལ་བའི་ འཛིན་སྐྱོང་འབད་ཐབས།

གནད་དོན།

༡་ ལས་མི་འགོ་དཔོན་དང་ ལས་མི་ལས་ཁུངས་ ལྕོགས་གྲུབ་ཡར་དྲགས་བཏང་སྟེ་ ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་ ལག་ལེན།

ལས་མི་འགོ་དཔོན་དང་ ལས་མི་ལས་ཁུངས་ ལྕོགས་གྲུབ་ཡར་དྲགས་བཏང་སྟེ་ ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་ ལག་ལེན་འཐབ་ནི་དང་ ལས་མི་ལས་ཁུངས་འདི་ནང་ སྤྱིར་བཏང་མཐོ་རིམ་ཤེས་ཚད་ནང་ལས་ མཐར་འཁྱོལ་ཡོདཔ་མ་གཏོགས་ ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་ ལག་ལེན་འཐབ་ནི་གི་དོན་ལུ་ ལྕོགས་གྲུབ་མེདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ནང་ ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་ཤེས་ཡོན་ཡོད་མི་ གངམ་མེདཔ་ཨིན། དེ་འབད་ནི་འདི་གིས་ ལས་མི་ལས་ཁུངས་དང་ལས་མི་འགོ་དཔོན་དེ་ཚུ་ འདི་འཕྲོ་ལས་ བཅའ་ཁྲིམས་ཀྱི་དམིགས་དོན་དང་འཁྲིལ་ ལཱ་གི་འཕྲོད་བསྟེན་དང་ཉེན་སྲུང་ ལག་ལེན་འཐབ་ནི་གི་དོན་ལུ་ ལྕོགས་གྲུབ་ཡར་དྲགས་བཏང་ནི་གལ་ཆེཝ་སྦེ་ཡོདཔ་དང་ དེ་བཟུམ་མའི་ ཁྱད་ཆོས་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ རྒྱལ་སྤྱིའི་ལས་མི་འདུས་ཚོགས་བཟུམ་ནང་ཡོདཔ་ཨིན་རུང་ ཁོང་རའི་ འཐུས་མི་རྒྱལཁབ་ནང་ རྐྱངམ་ཅིག་ཡོད་ནི་འདི་གིས་ འབྲུག་གཞུང་ཡང་ རྒྱལ་སྤྱིའི་ལས་མི་འདུས་ཚོགས་ཀྱི་གྲལ་ཁར་ འཐུས་མི་སྦེ་འཛུལ་ཞུགས་ཀྱི་གྲོས་འབུལ་ཕུལཝ་་ཨིན།

༢་ རྒྱལ་ཁབ་ནང་འཁོད་ནང་ ལས་མི་དང་ལཱ་གཡོག་འབྲེལ་བའི་ཁྲིམས་ཀྱི་དགོངས་དོན་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི།

ལས་མི་དང་ལཱ་གཡོག་བཅའ་ཁྲིམས་འདི་ རྒྱལ་ཁབ་ནང་འཁོད་ག་རའི་ནང་ ཁྱབ་ཨིན་རུང་ བཅའ་ཁྲིམས་ཀྱི་དགོངས་དོན་ཚུ་གཅིག་མཚུངས་སྦེ་ ལག་ལེན་འཐབ་ནི་འདི་ ལས་ཁུངས་ཀྱི་གདོང་ལེན་སྦོམ་ཤོས་ཅིག་སྦེ་ཡོདཔ་ད་ ད་རེས་ནངས་པ་ ལྷན་ཁག་གི་གྲོས་ཐག་དང་འཁྲིལ་ གཞན་ལྷན་ཁག་དང་ ས་མཚམས་གྱི་ཁྲོམ་ཚུ་གིས་ ཕྱིའི་ལས་མི་ལཱ་གཡོག་གི་མཆོག་ཐམ་གྱི་སྐོར་ལས་ རྒྱབ་འགལ་ཡོདཔ་མ་ཚད་ བཅའ་ཁྲིམས་ཀྱི་སྐོར་ལས་ གོ་བརྡའི་ལས་རིམ་དང་ ཧ་མ་གོ་མི་ལུ་རྟེན་ ལག་ལེན་འཐབ་ནི་ལུ་གདོང་ལེན་འབྱུང་སྟེ་ ཡོདཔ་ཨིན། ལས་མི་ལས་ཁུངས་ཀྱིས་ བཅའ་ཁྲིམས་དང་འཁྲིལ་ཏེ་ ལས་ཁུངས་ཀྱི་འགན་དབང་ ལག་ལེན་འཐབ་དགོ་པ་ཅིན་ གཞན་ འབྲེལ་ཡོད་དབང་འཛིན་གྱི་ རྒྱབ་སྐྱོར་གནང་ནི་འདི་གལ་ཆེཝ་ཨིན།

 ༣་ ཐོན་ཁུངས་མ་ལང་པའི་དཀའ་ངལ།

སྤྱིར་བཏང་ ལྷན་ཁག་ག་རའི་ནང་ མི་སྟོབས་དང་འབྲེལ་བའི་དཀའ་ངལ་ཡོདཔ་ཨིན་རུང་ ལས་མི་ལས་ཁུངས་འདི་གནམ་ལོ་ ༢༠༠༣ ནང་གཞི་བཙུགས་འབད་དེ་ གསརཔ་བཟུམ་གཅིག་ འགོ་དཔོན་དག་པ་གཅིག་རྐྱངམ་གཅིག་འགལ་ དགོ་པའི་ཤེས་ཚད་མེད་པའི་དཀའ་ངལ་དང་ གཙོ་འཛིན་བཞི་ལས་ གཅིག་རྐྱངམ་ཅིག་ཆ་འཇོག་འབད་ཡོདཔ་དང་ ལས་ཁུངས་ཀྱི་མདོ་ཆེན་དང་ གཙོ་འཛིན་གཅིག་མ་གཏོགས་ གཞན་ འགོ་དཔོན་ག་ར་སྤྱིར་བཏང་མཐོ་རིམ་གྱི་ཤེས་ཚད་ཡོད་མི་ཨིནམ་ལས་ ལས་མི་འཛིན་སྐྱོང་ནང་ སྦྱོང་བརྡར་དགོཔ་ཡོདཔ་དང་ སྦྱོང་བརྡར་འདི་ རྒྱལ་སྤྱིའི་ལས་མི་འདུས་ཚོགས་ནང་མ་གཏོགས་ གཞན་ནང་མེདཔ་ད་དེ་ཡང་ ཁོང་རའི་འཐུས་མི་རྒྱལ་ཁབ་དང་ ཡང་ན་ འཐུས་མི་མེན་མི་རྒྱལ་ཁབ་དེ་ཚུ་ འཐུས་ཧྲིལ་བུམ་སྦེ་བཏབ་ཚུགས་མི་འདི་ལུ་རྐྱངམ་ཅིག་འབད་ནི་འདི་གིས་ ལས་མི་ལས་ཁུངས་ཀྱི་མི་སྟོབས་ཀྱི་དཀའ་ངལ་བསེལ་ནི་ལུ་གདོང་ལེན་སྦོམ་ཤོས་ཅིག་སྦེ་ཡོདཔ་ཨིན།

ལྷན་ཁག་གི་ས་གནས།

ལས་ལྷན་གྱི་ལས་བྱེདཔ་ཚུ་གི་དོན་ལུ།

འབྲེལ་བ་འཐབ་ས།

བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག།
འགྲེམས་སྒྲོམ་ཨང་ ༡༠༣༦ མཐོང་གསལ་ལམ།
མུ་ཏིག་ཐང་ འོག།
ཐིམ་ཕུ། འབྲུག།
སྤྱིར་བཏང་འབྲེལ་བ་འཐབ་སཿ༠༢༣༣༣༨༦༧
ཕྱི་རྒྱལ་ལཱ་གཡོག་ལས་ཚནཿ༠༢-༣༣༠༧༨༧/༣༣༠༧༨༨
ལཱ་གཡོག་ཞབས་ཏོག་ལྟེ་བཿ ༠༢-༣༣༤༤༩༥

 • ཁ་མི་བཟེད་པའི་ངག་བརྗོད།  • ཡོངས་འབྲེལ་སབ་ཁྲ

 

འབྲེལ་བ་འཐབ་གནང་།

འདྲ་བཤུས་དབང༌ཆ།©༢༠༢༢ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག། • མདོ་ཆེན་ཡིག་ཚང་། •  ཡོངས་འབྲེལ་འགན་འཛིན་པཿ ཕུརཔ་རྡོེ།  (pdorji@molhr.gov.bt) • བརྒྱུད་འཕྲིན་ཨང་ +༩༧༥༠༢༣༣༣༨༦༧